འབྲུག་གི་རྒྱལ་ས་ལྟེ་བའི་མིང་གི་འབྱུང་རབས།[1]

འབྲུག་གི་རྒྱལ་ས་ལྟེ་བའི་མིང་ལུ་ ཐིམ་ཕུ་ཟེར་ཡོངས་གྲགས་སོང་ཡོདཔ་ཨིན་རུང་ མིང་ངོ་མ་འདི་ མཐིང་ཡུལ་ཕུ་ཟེར་ ཨིན་མས། ཐིམ་ཕུ་ཟེར་མི་འདི་ ད་རེས་ནངས་པར་ ཡིག་ཐོག་ལུ་བརྟེན་ཏེ་ དར་ཁྱབ་སོང་སོངམ་མ་གཏོགས་ ཧེ་མ་ མང་ཤོས་ཅིག་གིས་ར་ མཐིང་ཕུ་ཟེར་ རྗེས་འཇུག་ང་གི་སྒྲ་བཏོན་ཏེ་ སླབ་ཨིན། ཡི་གུ་ལྷག་མ་ཤེས་མི་དང་ ཡི་གུ་ལྷག་ཤེས་མི་ཚུ་གི་གྲལ་ལས་ཡང་ ལ་ལུ་ཅིག་གིས་ ད་རེས་ནངས་པར་ཡང་ མཐིང་ཕུ་ཟེར་ར་ སླབ་ནི་འདུག། ཚངས་ལ་ཁ་རྐྱབ་མི་ལ་ལུ་ཅིག་གིས་ རྒྱལ་ས་ལྟེ་བ་ལུ་ མཐིང་ཕུ་ཟེར་སླབ་དགོ་མི་དེ་ རྒྱལ་ས་ལུ་སྡོད་མི་ཆ་ཁྱབ་ ལོངས་སྡོད་ནི་འདི་གིས་ ཨིན་མས་ཟེར་ དགོད་བྲོ་བསྒྱུར་མི་ཡང་ ཐོན་ཏེ་ཡོད། དེ་ལས་ ཡིད་ཆེས་དང་ཆ་བཞག་ཚུགས་པའི་དཔེ་ཆ་ དག་ཆ་ཕུད་རྡོག་གཅིག་ར་འཛོལ་བ་མེད་པར་ བྲིས་ཏེ་ཡོད་པའི་ སྤྱི་ཞིང་དགོན་པའི་བཀའ་འགྱུར་གྱི་དཀར་ཆག་ ཁག་གསུམ་དེ་ཅིག་ནང་ལས་ར་ མཐིང་ཡུལ་ཟེར་ཐོན་མས། མཐིང་ཡུལ་ཟེར་མི་འདི་ཡང་ ཡུལ་ལུང་དེ་ནང་ མཐིང་ངེ་ལེ་ཤ་སྐྱེས་ནི་འདི་གིས་ དེ་སྦེ་བཏགས་བཏགསཔ་ཨིན་མས། ཐིམ་ཕུ་གི་མཇུག་ལུ་ ཆུ་འཛོམས་ལས་ སྤ་རོ་ཟླ་བ་ཁར་འགྱོ་སའི་ལམ་ཁར་ མཐིང་ངེ་ལེ་ཤ་སྐྱེས་ཏེ་ཡོད་པའི་ སྤང་ཅིག་ཡོད་མི་དེ་ལུ་ ད་ལྟོའི་བར་ན་ཡང་ མཐིང་ངེ་སྤང་ཟེར་སླབ་ཨིན། མ་གཞི་ ཐིམ་ཕུའི་མིང་གི་འབྱུང་རབས་ ཀུན་དགའ་སེངྒེའི་སྐབས་ བདེ་ཆེན་ཕུ་ལུ་ དགེ་བསྙེན་ཇག་པ་མེ་ལེན་ རྡོ་ཅིག་གུ་ཐིམ་སོང་པའི་ལོ་རྒྱུས་དང་འབྲེལ་ཏེ་བཤད་སྲོལ་ཡོད་རུང་ ཐིམ་ཕུ་ཟེར་བའི་མིང་དེ་ དེ་གི་ཧེ་མ་ལས་ར་ སླབ་སྲོལ་སྡོད་ནུག། དེ་ཚུ་ལུ་བརྟེན་ཏེ་བལྟཝ་ད་ ཐིམ་ཕུ་ཟེར་མི་འདི་ མཐིང་ངེ་ཕུ་འམ་ མཐིང་ཡུལ་ཕུ་ཟེར་བའི་ཚིག་ ཚུར་བསྡུ་སྟེ་ མཐིང་ཕུ་ཟེར་སླབ་མི་དེ་ སྒྲ་ཉམས་འགྱོ་འགྱོཝ་ཨིནམ་ ཐག་ཆོད་པས།

[1] འབྲི་རྩོམ་འདི་ སྟག་རྩེ་རིག་གཞུང་མཐོ་རིམ་སློབ་གྲྭ་ནང་ སྐད་ཡིག་དང་རྩོམ་རིག་ལོ་ངོ་གཉིས་པའི་སློབ་ཕྲུག་ཚུ་ལུ་ འབྲི་རྩོམ་དོན་མཚམས་གཅིག་མ་ བྲི་ཐང་སློབ་སྟོན་འབད་བའི་སྐབས་ལུ་ ལེགས་བཤད་པའི་མིང་འཛིན་པ་ རྡོ་རྗེ་རྒྱལ་མཚན་གྱིས་ དཔེ་ཚད་སྦེ་ བྲིས་བྲིཝ་ཨིན།

Posted on October 20, 2016, in འབྲི་རྩོམ།, ལོ་རྒྱུས།, ས་རྡོ་རི་བྲག་སོགས་ཀྱི་ལོ་རྒྱུས།. Bookmark the permalink. 6 Comments.

  1. ལོ་རྒྒྱྱུས་བཤད་གནང་མི་འདི་ལུ་བཀའ་དྲྲིན་ཆེ་ལགས་སླློབ་མཆོག དེ་འབདཝ་ད་མཐིང་ངེ་ཕུག་འདི་ དགེ་བསྙྙེན་ཇག་པ་མེ་ལེན་ རྡྡོའི་ནང་ཐིམ་མི་ལས་ཧེ་མ་ཨིན་པའི་སྒྒྲྲུབ་བྱྱེད་ག་ཅིག་ལུ་གཞི་བཞག་སྟྟེ་ཨིན་ནའི་སྐྐོར་ལས་གསུངས་གནང་ཚུགས་པ་ཅིན་བཀའ་འདྲྲིན་ཆེ་ནི་མས་སླློབ་མཆོག།

    Like

  2. མ་གཞི་སྤྤྱྱི་གཞིའི་བཀའ་འགྱྱུར་ནང་ལས་མཐིང་ཡུལ་ཕུག་ཟེར་འཐོན་དོ་ཡོད་རུང་ བཀའ་འགྱྱུར་འདི་དུས་ནམ་བཞེངས་བཞེངསམ་ཨིན་ན་དང་ དགེ་བསྙྙེན་ཇག་པ་མེ་ལེན་འདི་རྡྡོའི་ནང་ནམ་ཐིམ་ཐིམ་ཨིན་ན་ཤེས་ཚུགསཔ་པ་ཅིན་ཧ་གོ་ནི་བཟུམ་ཅིག་འདུག་ལགས།

    Like

  3. རིག་གཞུང་།

    slob dpon lhag pa/ ma gzhi gong gi ‘bri rtsom ‘di dus yun thung ku cig nang slob phrug tshu gi don lu dpe bkod sbe bris briw ‘bad ni ‘di gis sems khar ga dranm bris bzhag bzhagp ma gtogs khungs lung tshu zhib dpyad ‘bad long ma ‘ong / in rung nga ra gis dpyad ri gtang do bzum ‘bad ba cin thim phu zer mi gi ming ‘di pha jo ‘brug sgom zhig po dang rgyal ba lo ras pa/_spyil dkar ba/ gter ston tshe ring rdo rje tshu gi rnam thar nang las thon ni yodp bzum cig in/_kun dga’ seng+ge ‘di dus rabs 14 pa nang byon byonm inm las gal srid pha jo ‘brug sgom zhig po’i rnam thar lu bden pa yod pa cin kun dga’ seng+ge las pha jo haw in/_dge bsnyen rdo gu thim zhin las thim phu zer slab in pa’i khungs ‘di ‘brug gi rgyal rabs pa tshu gis slob deb tshu nang bkod sa mthong mthongm ma gtogs khungs ldan gyi yig cha cig nang da res tshun nga gis ma mjal/_spyi zhing dgon pa’i bka’ ‘gyur dkar chag ‘di spyi zhing blam ngag dbang bstan ‘dzin gyis bzhengs bzhengsm in mas/ blam ‘di nam ‘khrungs ‘khrungsm in na ma shes rung rgyal ras bstan ‘dzin rab rgyas sde srid kyi khri mnga’ gsol zhu ba’i skabs dar phul mi’i grangs su yod lugs lu blta ba cin sde srid bstan ‘dzin rab rgyas las rgas su cig in pa’i tshod cig ‘dug/_da rung bon sbis las thob pa’i yig cha dang ‘khril ba cin blam ‘di bon sbis chos rje las ‘khrungs yodp in mas/ bstan ‘dzin legs don gyi rnam thar nang bon sbis las legs don gyi he ma bla dpon 13 de cig ‘khrungs lugs bkod de yod pa’i gral las gcig ‘di blam ‘di inm ‘ong ni mas/_spyi zhing bka’ ‘gyur nang bka’ ‘gyur ‘di bzhengs pa’i skabs lu zhabs drung rin po che zhal bzhugs te yod lugs bkod de yod/ de ‘bdaw las ga dem cig phyi rung zhabs drung gi gsang rgya ma brtol ba’i he ma cig inm ha go tshugs pas/ da re de cig las brgal zhu ni min ‘dug/_log shul las dus tshod thob da dpe cha re blta tshugs pa cin rgyas shing rgyasp sbe zhu ge/
    dri ba bkod gnang mi lu bka’ drin che/_stag rtse lu ni de bzum gyi dri ba bkod mi phud rdog gcig yang min ‘dug/

    Like

  4. གོང་གི་བརྗོད་དོན་འདི་ལྷག་བལྟ བའི་སྐབས་ སྤྱིར་བཏང་སྔོན་མའི་ལོ་རྒྱུས་སླབ་མི་ ཁ་བརྒྱུན་ཚུ་ལུ་གཞི་བཞག་སྟེ་བཀོད་པ་ཙམ་མ་གཏོགས་ བདེན་བརྫུན་རེག་ཚུགས་པའི་སྒྲུབ་བྱེད་དང་ ར་ཁུངས་གཏན་འཁེལ་ཅིག་མཐོང་མ་ཚུགསཔ་ལས་ ང་བཟུམ་ཅིག་འབད་བ་ཅིན་ བརྗོད་དོན་འདི་ རང་སོས་སེམས་ཀྱིས་བརྟག་ཞིབ་འབད་དགོཔ་བཟུམ་ཅིག་སྦེ་མཐོང་ཡི་ཟེ་ཞུ་ནི། ལྷག་པར་དུ་ཡང་ སློབ་ཕྲུག་ཚུ་གི་དོན་ལུ་ དཔེ་སྟོན་བཟུམ་ཅིག་ཨིན་ཟེར་བཀོད་འདུག་ལས་ ལོ་རྒྱུས་འདི་ ངོ་མ་ཡང་མེནམ་འདྲས་ཟེར་བའི་དོགས་པ་ཡང་ཤར་ཡོད་ཟེར་ཞུ་ནི།

    Like

  5. འབྲུག་གི་ལམ་སྲོལ།

    རྩོམ་སྒྲིགཔ་གིས་བཀོད་མི་ནང་ ཡིགུ་མ་ཤེས་མི་ཚུ་གིས་ རྫོད་སྒྲ་མཐིང་ཕུ་ཟེར་ རྗེས་འཇུག་ངའི་སྒྲ་འཐོན་པའི་ལོ་རྒྱུས་དང་ སྤྱི་ཞི་དགོན་པའི་བཀའ་འགྱུར་གྱི་དཀར་ཆག་ནང་མཐིང་ཕུ་ཟེར་བཀོད་དེ་ཡོདཔ་ ཆུ་འཛོམས་ཀྱི་ས་ཁོངས་ནང་མཐིང་ཤིང་ལེ་ཤ་ཡོད་པའི་སྒྲུབ་བྱེད་བཀོད་ནུག དེ་འབདཝ་ད་ དགེ་བསྙེན་ཇག་པ་མེ་ལེན་གྱི་གསོལ་ཁའི་དཔེ་ཆ་ནང་ ཐིམ་ཡུལ་བདེ་ཆེན་ཕུག་གི་གནས་མཆོག་ནས།།ཟེར་མི་ནང་ཡིགུ་ཐིམ་སྦེ་འཐོན་མི་འདིའི་སྐོར་ལས་ག་ནེ་ཡང་མ་བཀོད་པས།

    Like

  6. འབྲུག་གི་ལམ་སྲོལ།

    མ་གཞི་ གསོལ་ཁ་ཅིག་ནང་ ཧཱུྃ ལྷག་པ་མོན་ཁམས་ཐིངས་པོ་ཡི། །བདེ་ཆེན་གནས་ནས་བཙན་རྒོད་བརྒྱད། །རིག་འཛིན་བླ་མའི་བཀའ་ཉན་མཆོག །ཇག་པ་མེ་ལེན་གཤེགས་སུ་གསོལ།།ཟེར་བཀོད་དེ་འདུག

    Like

Leave a comment