Category Archives: ངག་རྩོམ།

ལེགས་སོ།

འོ་ལེགས་སོ་ལེགས་སོ། གནམ་ཡས་ལུ་ཚེས་པའི་སྐར་མ་བཟང་ཤེས་པའི་ལེགས་སོ། །རང་རྒྱལ་བ་བློ་ངོ་བདེ་དཔལ་ཆགས་པ་ལེགས་སོ། །བློ་ངོ་བདེ་བློ་ངོ་བདེ་དཔལ་ཆགས་པ་ལེགས་སོ། །ལེགས་སོ་ལེགས་སོ། །བར་དུ་ཚེས་པ་རྒྱུ་སྐར་བཟང་ཤེས་པའི་ལེགས་སོ། །རང་རྒྱལ་བ་བློ་ངོ་བདེ་དཔལ་ཆགས་པ་ལེགས་སོ། །བློ་ངོ་བདེ་བློ་ངོ་བདེ་དཔལ་ཆགས་པ་ལེགས་སོ། །ལེགས་སོ་ལེགས་སོ། །ས་མས་ལུ་ཚེས་པའི་རྒྱུ་སྐར་བཟང་ཤེས་པའི་ལེགས་སོ། །རང་རྒྱལ་བ་བློ་ངོ་བདེ་དཔལ་ཆགས་པ་ལེགས་སོ། །བློ་ངོ་བདེ་བློ་ངོ་བདེ་དཔལ་ཆགས་པ་ལེགས་སོ། །ལེགས་སོ་ལེགས་སོ། །ངེའི་སྐར་བཟང་ཚེས་བཟང་འབྱོར་བའི་ཉི་མ་ཅིག་དྲོ། །རང་རྒྱལ་བ་བློ་ངོ་བདེ་བ་དཔལ་ཆགས་པ་ལེགས་སོ། །བློ་ངོ་བདེ་བློ་ངོ་བདེ་དཔལ་ཆགས་པ་ལེགས་སོ། །ལེགས་སོ་ལེགས་སོ། །ངེའི་བླ་མ་ལས་ཞུ་ན་ངག་དབང་རྣམ་རྒྱལ་ལས་བཞུགས་ཡོད། །རང་རྒྱལ་བ་བློ་ངོ་བདེ་དཔལ་ཆགས་པ་ལེགས་སོ། ། བློ་ངོ་བདེ་བློ་ངོ་བདེ་དཔལ་ཆགས་པ་ལེགས་སོ། །ལེགས་སོ་ལེགས་སོ། ངེའི་དཀོན་མཆོག་ལས་ཞུ་ན་རྡོ་རྗེ་གཞོན་ནུ་ལས་བཞུགས་ཡོད། རང་རྒྱལ་བ་བློ་ངོ་བདེ་དཔལ་ཆགས་པ་ལེགས་སོ། །བློ་ངོ་བདེ་བློ་ངོ་བདེ་དཔལ་ཆགས་པ་ལེགས་སོ། །ལེགས་སོ་ལེགས་སོ། ངེའི་དགྲ་ལྷ་ལས་ཞུ་ན་རྨུག་བཙན་དགྲ་འཇོམས་ལས་བཞུགས་ཡོད། །རང་རྒྱལ་བ་བློ་ངོ་བདེ་དཔལ་ཆགས་པ་ལེགས་སོ། །བློ་ངོ་བདེ་བློ་ངོ་བདེ་དཔལ་ཆགས་པ་ལེགས་སོ། །ལེགས་སོ་ལེགས་སོ། །ངེའི་ཡུལ་ལྷ་ལས་ཞུ་ན་དཔལ་ལྡན་ལེགས་བུ་ལས་བཞུགས་ཡོད། །རང་རྒྱལ་བ་བློ་ངོ་བདེ་དཔལ་ཆགས་པ་ལེགས་སོ། །བློ་ངོ་བདེ་བློ་ངོ་བདེ་དཔལ་ཆགས་པ་ལེགས་སོ། །ལེགས་སོ་ལེགས་སོ། ངེའི་ཡུལ་མིང་ལས་ཞུ་ན་བཀྲ་ཤིས་དབང་འཛོམས་ལས་བཞུགས་ཡོད། །རང་རྒྱལ་བ་བློ་ངོ་བདེ་དཔལ་ཆགས་པ་ལེགས་སོ། །བློ་ངོ་བདེ་བློ་ངོ་བདེ་དཔལ་ཆགས་པ་ལེགས་སོ། །ལེགས་སོ་ལེགས་སོ། ངེའི་སྒོ་བཙན་ལས་ཞུ་ན་བཀྲ་ཤིས་རྒྱལ་མཚན་ལས་བཞུགས་ཡོད། །རང་རྒྱལ་བ་བློ་ངོ་བདེ་དཔལ་ཆགས་པ་ལེགས་སོ། །བློ་ངོ་བདེ་བློ་ངོ་བདེ་དཔལ་ཆགས་པ་ལེགས་སོ། །

Advertisements

 ཀུར་སྟོད་དུང་དཀར་སྣག་ཚང་གི་གཞས་དང་བྲོ་གར་གྱི་ཟིན་བྲིས།

ཟིན་བྲིས་གཟིགས་མི་སྐུ་མགྲོན་ལྷན་རྒྱས་ཡོངས་ལུ་༢༠༡༦ལོའི་ལོ་གསར་ལུ་བཀྲ་ཤིས་བདེ་ལེགས་ཀྱི་མཚམས་དྲིས་ཞུཝ་དང་གཅིག་ཁར། ལོ་འདི་ནང་དགའ་སྐྱིད་ཕུན་སུམ་ཚོགས་པའི་སྨོན་འདུན་ལུ་ཀུར་སྟོད་དུང་དཀར་སྣག་ཚང་གི་དཔེ་ཚོགས་ནང་ལས་ཐོབ་པའི་ཆོས་གཞས་ཀྱི་ཚིག་ཚུ་མ་དཔེ་ནང་ལས་ག་ཨིནམ་འདྲ་བཤུས་རྐྱབ་སྟེ་ཕུལཝ་ཨིན། གཟིགས་མི་ལྷན་རྒྱས་ཡོངས་ཐུགས་ལུ་སྤྲོ་བ་ཚད་མེད་འབྱུང་བའི་རེ་བ་ཡོད་ཞུ།

[2a]༈ ཆོས་རྗེ་འགྲོ་བའི་མགོན་པོའི་ཞབས་ལ་ཕྱག་འཚལ་ཞིང་སྐྱབསུ་ཆེའོ། །བྱིན་གྱིས་རླབ་ཏུ་གསོལ། །དེ་ཡང་། དཔལ་ལྡན་འབྲུག་པའི་བུ་རྒྱུད་ཚོ་ལ་འགྲན་ཁན་ཅི་ཡོད་ཡོད་ལ། ཟེར་སྣང་བ་བྱས་ཤོག་དང་གཡས་སྐོར་ལགས། ལྗཊ་རྒྱལ་བ། བློ་བདེ་བ་དགའ་བ་འཆར་བ་ལཊ་སོ། བླ་མ་དང་བཟང་པོའི་གྲྭ་བཙུན་ཚོ་ལ་འགྲན་ཁན་ཅི་ཡོད་ཡོད་ལ། ཟེར་སྣང་བ་བྱས་ཤོག་དང་། གཡས་སྐོར་ལས་ལྗཊ་རྒྱལ་བ་བློ་བདེ་བ་དགའ་བ་འཆར་བ་ལཊ་སོ། དཔོན་པོ་དང་བཟང་པོའི་ཕོ་བྲང་ཚོ་ལ་འགྲན་ཁན་ཅི་ཡོད་ཡོད་ལ། ཟེར་སྣང་བ་བྱས་ཤོག་དང་། གཡས་སྐོར་[2b]ལས་ལྗཊ་རྒྱལ་བ་བློ་བདེ་བ་དགའ་བ་འཆར་བ་ལཊ་སོ། གཡས་ཀྱི་༣༣། གཡོན་གྱི་༣༣། གཡས་༡། གཡོན་༡། ཅི་ཤུལ་༢་གསུམ་ཤུལ་བྱས་ན་སྡོམ་བྱས་ལ་འགྲིག། ༈ དར་ལེན་པའི་སྐབས་འདིར་སྐྱིད་པའི་གླུ་ཅི་ལང་སོ། དར་ལེན་པའི་སྐབས་འདིར་ཉམས་དགའི་བྲོ་ཅི་བརྡུང་སོ། མཚན་ལྡན་བླ་མ་རྒྱལ་བ་ཀུན་གྱི་དངོས། རང་སེམས་སྡོད་མའི་དབྱིངསུ་འཆར་བ་ལས། སྣང་སྲིད་ཆོས་སྐུར་ཀུན་གྱི་ངོ་བོ་རྫོཊ་སོ། གང་ཤར་རང་ངོ་བླ་མའི་དཀྱིལ་འཁོར་ཉཾས་རེ་དགའ་བ་འཆར་བ་ལ་སོ། གཡས་ཀྱི་༣༣། གཡོན་གྱི་༣༣། གཡས་༡། ཅི་ཤུལ་༢་གསུཾ་ཤུལ་བྱས་ན་སྡོམ་བྱས་ལ།[3a]འགྲིག། ཆོས་གནས་ཡོང་བ་ཡོད།༢ རྨ་བྱ་རྒྱ་གར་ཤར་གླིང་ཕྱོཊ་ནས་ཆོས་ནས་ཡོང་བ་ཡོད། སློབ་ནས་ཡོང་བ་ཡོད། མདོང་ཟུག་བུཾ་པའི་ཁ་རྒྱན་འདི་ལ་སླེབ་ནས་ཡོང་བ་ཡོད། གཡང་ཆཊ་པའི་ཕྱོཊ། མདོང་ཟུག་བུཾ་པའི་ཁ་རྒྱན་འདི་ལ་གཡང་ཆཊ་པའི་ཕྱོཊ། ༈ མེ་ཏོག་ལྗཊ་མཚོན་སྐྱེལ་བའི་ལོ་ལ་ལྡུཾ་ར་ཡོད་ཀྱིས་ཁེངས་སོ། མེ་ཏོག་འཇའ་དར་བའི་ལོ་ལ་དཀོན་མཆོག་ཞབས་ཟུང་ལ་འབུལ་ལོ། མེ་ཏོག་འཇའ་ཚོན་མོ་ལ་སོ། པདྨའི་སྟོབས་ལྡན་འབར་བ་ཡིས། མདའ་མོ་འཇའ་སྐྱེལ་པའི་ལོ་ལ་སྟག་གདོང་འོད་ཀྱི་ཁེང་[3b]སོ། མདའ་མོ་འཇའ་དར་བའི་ལོ་ལ་སྡང་བའི་དགྲ་བོ་འདུལ་ལོ། མདའ་མོ་འཇའ་ཚོན་མོ་ལ་སོ། ཚལ་མའི་རྒོད་སྒྲོ་སྨྲ་བ་ཡིན༎ ༈ ཞི་བ་བཟང་པོ་དགུང་ས་འཐོན་པོ་ལ་ཟླ་བ་ཞོ་ཤེས་འོད་ལྡན་དང་གཅིག་སོ་ཨ་འོ། སྒྲོན་མ་མཛེས་མ་ཁྲི་གདུག་སྐར་སང་ལ་འདབ་ཤོག་འོད་ལྡན་དང་གཉིས་སོ་ཨའོ། ཨ་མཛེས་མི་མཛེས་དགུང་སྨན་རྒྱལ་མོ་ལ་དྲི། གླིང་བཞི་འགྲོ་ལ་མཛེས་སོ་བ་ཞིག་མཐོང་སོ་ཨའོ༢། །དེ་ནས་སྤང་ཤོག་བདེ་མོང་གོང་མཚུངས། ༈ ཞཊ་པ་འཕྲུལ་གྱི་ཨ་ལོང་འདྲ་མོང་ཞིག་ཡོད་དེ། གང་སྟོད་མཐོན་པོ་ལ་བཀྲཾ་ནས་བཞག་ཡོད། [4a]ཨའོ༢། གངས་སྟོད་སེངྒེ་འཛིན་སྙིང་འདོད་པ་ཞིག་མིན་ཏེ། གཡུ་རལ་ལེགས་མོ་ལ་བལྟ་སྙིང་འདོད་པ་ཞིག་ཡིན་ཏེ་ཨའོ༢། དེ་ནས་སྤང་ཤོག་བདེ་མོ་གོང་ཚུངས། ༈ རྨ་བྱ་འཇའ་ཚོན་ཆཊ་ས་དེ། རྒྱ་གར་ཤར་གླིང་ཕྱོཊ་ནས་ཆཊ་ནས་ཡོང་བའི་ཆཊ་ས་དེ་ལ་གར་ཉིན་ཅི་བྱ་འོ། རྨ་བྱ་འཇའ་ཚོན་སླེབ་ས་དེ། བུཾ་པའི་ཁ་རྒྱན་དེ་ལ་སླེབས་ནས་ཡོང་བའི་སླེབ་ས་དེ་ལ་གར་ཉིན་ཅི་བྱ་འོ།། ༈ མདོང་ཟུག་ཞིག་ངོམ་ངོམ་ནས་རྒྱ་གར་ཤར་གླིང་ཕྱོཊ་ནས་བཏབ་ཏེ་ལོཊ་འགྲོ་རྨ་བྱ་འཇའ་མཚོན་རྣམ་ཐར་ཞིག་བྱ་འོ༢། ཀུན་གྱི་འབྲུག་པ་[4b]ཡབ་སྲས་དེ་གངས་ཅན་མཁས་གྲུབ་དབུས་ན་ཕྱོཊ་དུས་ཀུན་དུ་གྲཊ་པ་ལྷོ་ལྗོང་དཔལ་དུ་བྱོན་པ་ཞིག་དགའོ༎ འགྲུབ་པ་ཡབ་སྲས་ཕེབ་ས་དེ་བཀྲ་ཤིས་པའི་ཕོ་བྲང་དེ་ལ་དགྱེས་ཞིང་ཕེབ་པའི་ཕེབ་ས་དེ་ལ་ཞབས་བརྟེན་ཞིག་ཞུའོ༎ ༈ མ་རྩེཊ་ལ་དང་རྒྱ་ཕེབ་ཁྱུང་མགོ་དཔལ་གྱི་ཆོས་འཁོར་ལྷ་ས། མ་བཞེང་ལྷ་དང་དངོས་སུ་འཇལ་བ་བརྟེན་པའི་ཇོ་བོ་བཞུཊ་སོ། ཇོ་བོ་ལ་གསེར་ཆབ་འབུལ་ཁན་ཚོ་དགའ་ལ་བཀྲིས་ཤོག། མ་རྩེཊ་ལ་དང་རྒྱ་ཕེབ་ཁྱུང་འགོ་དཔལ་གྱི་བཀྲ་ཤིས་ཕོ་བྲང་། མ་བཞེང་ལྷ་དང་དངོས་སུ་འཇལ་བ་འབྲུག་པ་ཡབ་སྲས་བཞུཊ་སོ། ཕྱག་འཚལ་མཆོད་པ་འབུལ་[5a]ཁན་ཚོ་དགའ་ལ་བཀྲིས་པར་ཤོག། ༈ ཆོས་དང་ལྕཊ་རི་ཆོས་འཁོར་གྱི་ལྷ་ས། ནང་ལ་ནོར་བུ་བཞུཊ་འདུག་སྟོན་པ་ཡི་ཇོ་བོ། ཇོ་བོ་ལ་གསེར་ཆབ་འབུལ་ལུག་ཡང་ཤེས་སོ། །དཀར་པོ་དུང་གི་རྩེཊ་པའི་རྩིཊ་པ་ལ་སོ། །གསེར་པོ་གསེར་གྱི་བཀའ་བ་བརྩུག་པ་ལ་སོཊ། སྔོན་པོ་གཡུ་ཡི་གདུང་བ་སྒྲིག་པ་ལ་སོ། །སྟེང་ཡེ་ལ་ལྷ་དར་དཀར་པོ་འཕྱར་བ་ལ་སོཊ། གཞལ་ཡས་ཀྱིས་ཁང་སོཊ་ཞབས་བྲོ་འགྲིག་པ་ལ་སོཊ། གཡས་ཀྱི་ཕྱོཊ་སུ་ཞབས་བྲོ་ཤེས་སོ་འགྲིག། གཡོན་གྱི་ཕྱོཊ་སུ་པད་བསྐོར་ཤེས་སོ་འགྲིཊ། ཞབས་བྲོ་མི་ཤེས་ཞབས་བྲོ་ཤེས་[5b]སོ་འགྲིག། ཞབས་བྲོ་བཀྲ་ཤིས་དགུང་རྩེ་ཤེས་སོ་འགྲིཊ། རྒྱབ་ལ་གནན་པའི་ཞབས་བྲོ་འདི་ངན་སོང་རྡོག་པོ་མནན་པ་འདྲ་ཞིང་ཞེས་ཤེས་སོ་ཨཱ། །མདུན་གྱི་ཕྱག་རྒྱ་པད་སྐོར་འདི་ཚོ་མཐོ་རིཊ་ཐར་པ་འདྲེན་པ་འདྲ་ཞིག་ཞེས་ཤེས་སོ་ཨཱ། །ཞབས་བྲོ་ལེཊ་པའི་པད་སྐོར་འདི་ཚོ་ཞེས་ཤེས་སོ་ཨཱ༎  ༎༈ རྒྱ་བཟའ་ཨ་མའི་བསམ་འགྲུབ་ཤེལ་རིག་ལྡན་པ་ཞིག་ཡོད་དེ། རྒྱ་དར་ཁྲ་བོའི་ཐག་ལུཊ་མ་ཤེས་ལ་དང་ཟེར་ན། གངས་སྟོད་མཐོན་པོའི་ཕྱོཊ་སུ་ཡར་ལྟས་པས། སེངྒེ་མཚོ་གླིང་ལ་གཡུ་རས་ངོམ་པ་ཡང་མཐོང་སོ། རྒྱ་བཟའི་དར་འཐག་ཆུ་མོ་རླབ་ཀྱི་[6a]འཐག་ལུག་ཡང་ཤེས་སོཊ། རི་མོ་ཁྲི་ཕྲ་མོས་སྣང་བའི་བཀོད་ལུཊ་ཡང་ཤེས་སོ། གོས་ལ་འཇཾ་པ་འཇམ་ཕྲུག་གོས་ཀྱི་འཐག་ལུཊ་ཡང་ཤེས་སོཊ། །རྒྱ་བཟའི་དར་འཐག་རིང་མོ་འཕྲུལ་གྱི་བཀོད་ལུཊ་ཡང་ཤེས་སོ༎  ༎ ༈ ཤར་གྱི་ཕྱོཊ་ནས་བཀྲ་ཤིས་བྱོན་པ་དགའ་བ་སྐྱིད་སོང་ཨཱ། །རྡོེ་སེམས་པ་དང་དངོས་སུ་འཇལ་བ་དགའ་བ་སྐྱིད་སོང་ཨཱ། །ཞལ་ཡང་འཇལ་ཞིང་གསུང་ཡང་ཐོས་པ་དགའ་བ་སྐྱིད་སོང་ཨཱ། །ལྷོ་ཡི་༴། རིནེ་འབྱུང་གནས་དངོས་སུ་༴། ཞལ་ཡང་འཇལ་༴། ནུབ་ཀྱི་༴། སྣང་བ་མཐའ་ཡས་དང་༴། ཞལ་ཡང་འཇལ་ཞིང་༴། [6b]བྱང་གི་ཕྱོཊ་ནས་༴། དོན་ཡོད་གྲུབ་པ་དངོསུ་འཇལ༴། ཞལ་ཡང་འཇལ་ཞིང་༴། དབུས་ཀྱི་ཕྱོཊ་ནས་༴། རྣཾས་པར་སྣང་མཛད་དངོས་སུ་འཇལ་བ་དགའ་བ་སྐྱིད་སོང་ཨཱ། ཞལ་ཡང་འཇལ་ཞིང་གསུང་ཡང་ཐོས་པ་དགའ་བ་སྐྱིད་སོང་ཨཱ། །འོ་ལེཊ་སོཊ་དེ་ལྟར་ཆོས་རྒྱས་གསུང་ལ་སོཊ༎  ༎ཡང་སྒྲ་སྙན་གྱི་གཡང་ཡི་ནི༎ ༈ [7a]བླ་མ་ལ་འབུལ་ལོ། སངྱས་ལ་འབུལ་ལོ། སྐྱབས་གནས་དཾ་པ་དཀོན་མཆོག་གསུཾ་ལ་འབུལ་ལོ། ལྷ་ས་དཔོན་པའི་དྲུང་དུ། ཡང་ཡང་གི་མཆོད་པ་བཅས། གསུང་དབྱངས་ལ་འགྲིག།  ༎ལྷོ་བཙན་དན་ནཊ་མོ། བག་ཕེབས་ཀྱི་དྲངས་སོང་། །སྐུ་གཡོ་མེད་དཔལྡན་འབྲུག་པ་ཡི་སྲོག་ཤིང་༢། །མཚན་སྙན་པར་གྲཊ་པ་ངག་དབང་གི་རྣཾས་རྒྱལ། ཐུཊ་བྱཾས་བརྩེའི་སྤྱན་རས་རིངས་མེད་དུ་གཟིཊ་ཤིང་༢། ཞབས་སྤྱི་བོར་བཏད་པ་ལུང་གཉིས་ཀྱི་འཁོར་ལོ། །ཆོས་འཁོར་ལོ་བསྒྱུར་བ་དཔལྱོར་གྱི་དགའ་སྟོན༢། །དུས་ཕུན་སུཾ་ཚོཊ་པའི་བཞུཊ་གྲལ་གྱི་་ཐིམ་[7b]འདིལ། །ཀུན་བློ་སེམས་སྤྲོ་བའི་སྒྲ་སྙན་ཞིག་འབུལ་ལོ༢༎  ༈ མ་རིག་གཉིས་ནས་སངས་བའི། སྟོན་པ་སངྱས་དེ་ལ། ༢ ཉོན་མོངས་དགྲ་རྣཾས་འཇོམ་པའི། དགྲ་བཅོམ་ལྔ་རྒྱའི་སྐོར་བཞུཊ༢། དཾ་པ་ཆོས་ཀྱི་སྙིང་པོ། དཾ་ཆོས་དཀཽནག་བརྩེཊ་པ༢། འགྲོ་བ་རིཊ་དྲུག་དོན་ལ། འགྲོ་དོན་ཆོས་འཁོར་བསྐོར་བཞུཊ༢། ལྷ་དང་མི་ཡི་སྐྱབས་མགོན། འབྲེལ་ཚད་དོན་དངན་ལྡན་པ༢། མི་ཕཾ་ངག་དབང་རྣཾས་རྒྱལ། ཕྱག་འཚལ་མཆོད་པ་འབུལ་ལོ༢། རིས་མེད་ཐུཊ་རྗེས་སྐྱོང་བ། རིཊ་རྣམས་ཀུན་གྱི་ཁྱབ་བདག༢། མཚན་ལྡན་བླ་མའི་སྐུ་མཆོག །མཚན་པའི་བརྒྱན་བཞིན་བཞུཊ་འདུག།༢ [8a]སྦྱིན་པ་བརྒྱ་སྟོང་ལས་གྲུབ། བརྒྱ་བྱིན་ལྟ་བུའི་མི་དབང་༢། ཚང་སྤྱོད་མཚུངས་པར་སྤྱོད་པ། ཚང་དབྱངས་འདུག་པ་རྒྱ་མཚོ༢། ལས་དང་བསྐལ་བ་ལྡན་པ། ལས་ཅན་སྐྱེས་པའི་ཁྱུག་མཆོག༢། དེ་རིང་བཞུཊ་པའི་གྲལ་འདིར། དད་པའི་མཆོད་དབྱངས་འབུལ་ལོ༢༎ ༈ གཡང་ཆཊ་ས་ཡི་ལྟེ་བ། ལྷོ་ཕྱོཊ་སྐྱིད་པའི་ལྗོངས་འདིར༢། རྣཾས་རྒྱལ་ལྷ་ཡི་ཁང་བཟང་། བདན་ས་ཆོས་ཀྱི་ཕོ་བྲང་༢། གནས་མཆོག་འོག་མིན་དབྱིངས་ནས། ལྷ་མིན་ཡོངས་ཀྱི་སྟོན་པ༢། དཀར་བརྒྱུད་ཀུན་གྱིས་གཙུཊ་བརྒྱན། ཆོས་སྐུ་རྡོེ་འཆང་ཆེན༢། འབྲུག་པ་ལྷ་ཡི་[8b]གདུང་བརྒྱུད། རྒྱལ་སྲས་ངག་དབང་རྣཾས་རྒྱལ༢། ཕྱག་འཚལ་མཆོད་པ་འབུལ་ལོ། མཆོག་མཐུན་དངོས་གྲུབ་རྩོལ་ཞུ།། ༢ ༈ དབུ་ལ་རྒྱ་གར་པད་ཞྭ་གསོལ་ལེའི་ཁན། བླ་མ་ཡོ་རས་ཆུ་ཚོ། གཟིཊ་ལ་ལྟ་ཨེ་བྱུང་གཟིཊ་ལ་ཨེ། བདེན་པར་གསུང་ཞུ༢། བླ་མ་ཡོ་རས་༴། གཟིཊ་ལ་༴། བྱུང་གཟིཊ༴། སྙན་ལ་དུང་གི་ཨ་ལོང་གསོལ་ལེའི་ཁན། བླ་མ་༴། གཟིཊ་ལ་༴། བྱུང་གཟིཊ༴། བདེན་པར༴༢། བླ་མ་༴། གཟིཊ་ལ༴། བྱུང་གཟིཊ་༴། ཕྱག་ན་སྤང་ཁར་ཚིག་གསུཾ་རྣཾས་ལེ་ཁན། བླ་མ་༴། [9a]གཟིཊ་ལ༴། བྱུང་གཟིཊ༴། བདེན་པར༴། རྒྱབ་ལ་གྲྭ་ཕད་ཟུར་གསུཾ་རྣཾས་ལེ་ཁན། བླ་མ༴། གཟིཊ་ལ༴། བྱུང་གཟིཊ་༴༎  ༈ གསེར་གྱི་པདྨ་འདབ་སྟོང་། གངས་ཅན་མཚོ་ལ་ཤར་བ༢། སངྱས་སྟོང་དང་རྩ་གཉིས། འགྲོ་དོན་བྱོན་པའི་ལུང་བསྟན༢། བསྐལ་བཟང་མི་རྗེད་ཞིང་ཁཾས། གླིང་བཞིས་བྱེ་བ་ཕྲག་བརྒྱ༢། སྤྲུལ་སྐུ་གཅིག་གི་འདུས་པ། རྒྱལ་བ་ཤཱཀྱ་མུ་ནི༢། རིཊ་གསུཾ་ཆོས་འཁཀོར་བསྐོར་བ། ཨྱོན་དྷ་ན་ཀོ་ཤར༢། གསང་སྔཊ་བསྟན་པའི་བདག་པོ། འཆི་མེད་པདྨ་འབྱུང་གནས༢། འཛམ་གླིང་སོ་ཁའི་[9b]བྱང་ཕྱོཊ། ཕྱག་ན་པདྨོའི་གདུལ་ཞིང་༢། ལུང་༢་ཁྲིམས་སྲོལ་འཛུཊ་མཁན། ཆོས་རྒྱལ་མེས་དབོན་རྣཾས་རྒྱལ། ལྷོ་ཕྱོཊ་ནག་མའི་ལྗོངས་འདིར༢། སྤྱན་རས་བྱཾས་བརྩེ་གཟིཊ་པ། འབྲུག་པ་ལྷའི་བརྡུང་བརྒྱུད༢། རྒྱལ་སྲས་ངག་དབང་རྣཾ་རྒྱལ། ཕྱག་འཚལ་མཆོད་པ་འབུལ་ལོ༎  ༈  བྱ་ཀུན་ལས་དགའ་བོ་ཁུ་བྱུག་གི་སྔོན་མོ། གསུང་སྙན་གྱི་འགྱུར་ཁུག་སེམས་པ་རང་ལ་བྱུང་ངོ་༢། ཤོག་སྒྲོ་ལ་སྐྱིད་སེར་ཡང་ཤེས་ནི་མེད་པ། ལྗོན་ཤིང་གི་བརྩེ་ལ་མ་འགྱུར་བ་བཞུཊ་ཤིང་༢། རིཊ་ཀུན་[10a]ལས་མཐོ་བ་གསུང་ལྡན་གྱི་བླ་མ། གསུང་ངག་གི་གདཾ་ངག་སེམས་པ་རང་ལ་བྱུང་ངོ་༢། སྐུ་ཚེ་ལ་འགལ་རྐྱེན་བར་ཆད་ནི་མེད་པར། རིན་ཆེན་གྱིས་ཁྲི་ལ་མ་འགྱུར་བ་བཞུཊ་ཤིང་༢། བཀྲིས་པར་ཤོག་ཅིག། བཀྲིས་པའི་ལྷ་མོ། སྤྱིར་རྒྱལ་ཁཾས་ཡུཾ་ལ་བཀྲ་ཤིས་པར་ཤོག་ཅིག། སྒོས་གདན་ས་འདི་ལ་བཀྲིས་པར་ཤོག་ཅིག། ཞོ་མོ་དགའ་ལ་དགའ་བ་ལ་སིངྷ་གཡས་སྐོར་ལས་ཕེབས་དང་། ཞོ་མོ་སྐྱིད་ལ་སྐྱིད་པ་ལ་སིངྷ་གཡོན་སྐོར་ལ་ཕེབས་དང་།[10b]ལྡང་ཤོག་ཟུང་གཡང་ལ་འགྲིག། དེ་ནས་མར་གཡང་ཆཊ་པར་གོང་འདྲ་ཡིན་ལ། དེ་ནས་འཛུལ་ཆམ་འགྲོས་གསུཾ་ཡིན། བཀྲིས། དགེ་འོག་སརྦ་མངྒ་ལཾ༎

དྲག་ཤོས་བསྐོར་ལའི་བླ་མའི་གསུང་རྩོམ་མ་བཅོས་སེམས་ཀྱི་རི་མོར་འཆར་བའི་སྨོན་མཐའི་བློ་གསལ།

ཡོངས་ཁུངས། བསྐོར་ལའི་བླ་མ། <<འབྲུག་བློ་གསལ།>> ཐོན་རིམ་༡་པའི་༣་པ།  (༡༩༧༩) ཀུན་སྤེལ་ལས་ཁུངས།

ཤར་ཕི་ལས་ཤར་བའི་ཁྲི་གདུགས་འདི། །ནུབ་པདྨའི་གླིང་ལུ་གཡོ་མཆིས་ཡི། །ཁོ་ནུབ་ལུ་མི་གཡོ་ཐབས་མེད་ཨིན། །ལྷོ་འཛམ་གླིང་དྲོད་ཉམས་སྐྱོང་ཚར་ནུ། །གངས་ཡི་ལས་བབས་པའི་གཙང་ཆབ་འདི། །རྒྱ་ཐོད་དཀར་གཡུལ་ལུ་ཐལ་ཚར་དོ། །ཁོ་རྒྱ་ལུ་མི་ཐལ་ཐབས་མེད་ཨིན། །འབྲུག་རྒྱལ་ཁབ་ཡོན་ཆབ་ཕུལ་ཚར་ནུ། །ཆུང་མཉམ་ལུ་འགྲོགས་པའི་ལྟོ་ཚང་གི། །ང་རང་གཡུལ་ཕྱོགས་ལུ་འགྲོ་ཉམས་ཡོད། །སྤྲང་རང་ཡུལ་མི་འགྲོ་ཐབས་མེད་ཨིན། །གོང་དབང་ཆེན་དཔོན་གྱི་གསེར་ཁྲི་དང་། །སྤྲང་ལས་དབང་ཅན་གྱི་མི་ཚེ་གཉིས། །དུས་བྱར་དགུན་མེད་པར་མཉམ་དུ་འགྲོགས། །དུས་ད་ལྟོ་ཚུན་ཚོད་གསོལ་རས་ཞུ། །འདི་མ་ཚད་ཐུགས་བརྩེ་གསོལ་རས་ཀྱིས། །ཡིད་ཚིམ་དུ་བཅུག་པའི་སྐུ་དྲིན་དེ། །ཚེ་ལོག་བལྟབ་རྐྱབ་རུང་དྲིན་མ་འབྱོར། །ས་རྒྱལ་ས་བཀྲ་ཤིས་ཆོས་རྫོང་ལུ། །ཟས་ཞིམ་པའི་ཤ་དང་མར་ཡང་ཡོད། །ཉམས་དགའ་བའི་གླུ་གར་གཞས་ཡང་ཡོད། །དུས་ད་རེས་དགའ་བས་ནངས་པར་སྐྱིད། །དཔོན་མི་ཡི་དབང་པོ་ཕ་བས་བྱམས། །ཁོང་བློན་པོའི་ཚོགས་ཀྱིས་མ་བས་བརྩི། །དཔོན་མཉམ་རོགས་ཚུ་ནི་སྤུན་བས་འཆམས། །རང་ལོ་བརྒྱ་ཐུབ་རུང་དགའ་བས་པ། །བཀྲ་མ་ཤིས་པའི་འཆི་བདག་བདུད་པོ་འཆི་བདག་གིས། །ལུས་མདའ་དེ་འཕྲང་པ་གཞུ་དེ་བཀུག །གདོང་ལྷ་དེ་ཡོད་མི་འདྲེ་དེ་བསྒྱུར། །སྐྲ་རྫ་དེ་གནག་པ་དུང་དེ་དཀར། །ནང་སེམས་དང་རིག་པའི་རི་མོ་ཉམས། །རང་སྡོད་དགོ་མནོ་རུང་སྡོད་མ་སྟེར། །ད་བཞུགས་ཅིག་བཞུགས་ཅིག་ལྟོ་ཚང་གིས། །གནས་དབེན་པའི་རི་ལུ་བལྟ་ཉུལ་གེ། །རྒྱབ་ཚེ་དཔག་མེད་ལུ་འཚོལ་ཉུལ་གེ། །ཚེའི་ལྷག་མཇུག་ལོ་ངོ་གཉིས་གསུམ་ཅིག། །གཟུགས་འབྱེམ་ཐག་ནང་ལུ་སྤུར་ཉམས་ཡོད། །ཁ་ཨོམ་སངས་མ་ཎི་བགྱང་ཉམས་ཡོད། །ང་འགྱོ་བའི་མི་རྒན་ཉམས་ཆུང་ལུ། །ལྟོ་གོས་ཀྱི་སྐྱིད་སྡུག་སྲིད་མ་བཅུག། །ཁྱེད་བཞུགས་མི་བསོད་ནམས་ཡར་རྒྱས་ཚུ། །སྐུ་ཚེ་ལུ་བར་ཆད་ཞུགས་མ་བཅུག། །འབྲུག་རྒྱལ་ཁབ་མངའ་ཐང་རྒྱས་བཅུག་ཅིག། །ཆོས་སངས་རྒྱས་བསྟན་པ་འཕེལ་བཅུག་ཅིག། །དུས་ད་རིས་ལན་གཅིག་འཛོམས་མི་འདི། །ཚེ་སྔོན་གྱི་སྨོན་ལམ་མཐུ་ལས་ཨིན། །ད་ད་རུང་མཇལ་བའི་སྨོན་ལམ་ཅིག། །ངེད་མཚམས་ཁང་ནང་ལས་བཏབ་ཉུལ་གེ། །

ཨ་རྒས་ནོར་རྫིཔ་གི་སྲུང་།

༉    ཧེ་མ་ གཡུས་ཚན་ཅིག་ནང་ ཨཔ་ལྔ་སྐོར་དྲུག་ཅུ་རེ་ཙམ་ལང་མི་ ནོར་རྫིཔ་རྒན་རྒས་གཅིག་སྡོད་ནུག། ཁོ་ར་ ཆུང་ཚད་མའི་བསྒང་ལས་རང་ འཚོ་བ་ལ་ནོར་ལུ་བརྟེན་ཏེ་ མི་ཚེ་འཚོ་སྐྱོང་འབད་དེ་སྡོད་མི་ཅིག་ཨིན་པས།

      ཚར་གཅིག་ གནམ་དགུན་ཤར་ཁམས་གཅིག་ཁར་ ཨ་རྟག་ཧ་ལུགས་བཟུམ་སྦེ་ར་ ནོར་བདའ་སྟེ་ ནགས་ཚལ་ནང་སོང་ཞིནམ་ལས་ ཤིང་སྦོམ་ཅིག་གི་རྩ་བར་ རྡོ་ལེབ་སྡོད་ངོ་བདེ་ཏོག་ཏོ་ཡོད་མི་དེ་གུར་འཛེག་སྟེ་ དེའི་གཡས་ཁ་ཐུག་ལུ་ མེ་ཅིག་ཡང་འཕུ་སྦེ་ ཁོ་ར་ ཚར་གྱི་ཐགཔ་ཅིག་འཁལ་ཏེ་སྡོད་ནུག། དེམ་ཅིག་གི་བར་ན་ ཕྱེམ་ལ་གཅིག་འཕུར་འོང་སྟེ་ ཨ་རྒས་ཀྱི་རྒྱ་བོ་ དཀར་པོ་གུར་ ཆགས་ནིའི་འབདཝ་ཅིག་ ཨ་རྒས་ཀྱིས་ “ཤུག་ཤུག”ཟེར་སྐད་ཤུགས་སྦེ་རྐྱབ་སྟེ་ ལགཔ་གཡབ་སྟེ་བདའ་བཏང་ད་ནུག

       དེ་བསྒང་ ཐག་ཉེ་ས་ཅིག་ཁར་ ཤིང་གུར་ཤིང་གི་རྡོག་མ་ཟ་སྟེ་སྡོད་མི་སྤྱ་འདི་ རྣམ་རྟོག་ལང་པའི་ཤུགས་ཀྱིས་ ཤིང་གི་རྡོག་མ་ལགཔ་ལས་ཤོརཝ་ཅིག་ དེའི་འོག་ལུ་ ཀ་ཤ་རྩྭ་ཅིག་ཟ་སྟེ་སྡོད་མི་དེའི་དཔྱལཝ་གུར་ཕོག་ཆི་ནུག ཀ་ཤ་འདི་གི་སེམས་ཁར་  ད་རེས་ ངེའི་དཔྱལ་བར་མདའ་ཅིག་ཕོག་ཅི་མནོ་བའི་འཇིགས་སྣང་གིས་ ག་ལྷོད་གུ་ལྷོད་མེད་པར་བྱོལ་འགྱོ་བའི་སྐབས་ དུག་ཅན་སྦུལ་གྱི་ཚང་རྐངམ་གིས་བསྣད་དེ་དཀྲོགས་ད་ནུག། དེའི་སྐབས་ སྦུལ་ཚུ་ བྱ་ཁྱུང་ག་རུ་ཌ་གིས་ འཐུ་ཟ་བར་འོང་འོངམ་ཨིན་པས་ཟེར་མནོ་སྟེ་ འདྲོག་བྱེལ་འཐབ་སྟེ་ བྱོལ་འགྱོ་བའི་ལམ་ཁར་ སྒོང་རྡོག་འབུད་དེ་སྡོད་མི་ བྱམོ་ཁྱུ་ཅིག་གི་ཚང་ནང་ལས་ཕར་འཐོན་འགྱོཝ་ད་ བྱམོ་ཚུ་རྣམ་རྟོག་རྟ་ལུ་ལང་སྟེ་ སྒོང་རྡོག་ཡང་འབུད་ལོང་མེད་པར་འཕུར་སོང་་སྟེ་ ལུང་གཤོང་ཅིག་གི་རྒྱལ་པོའི་ཕོ་བྲང་ནང་ལྷོདཔ་ད་ ལྟོཝ་བཀྱེས་པའི་ཤུགས་ཀྱིས་ དེའི་སྒོ་ར་ཁར་ རྒྱལ་པོའི་བཙུན་མོ་འཁྲུངས་པའི་ཉིནམ་བརྩི་སྲུང་གི་དོན་ལས་ ཉི་མར་བརྡལ་ཏེ་བཞག་མི་རེད་དེ་ ཕུད་རྡོག་གཅིག་ཡང་མེད་པར་འཐུ་སྟེ་ཟ་ད་ནུག

      དེ་ལས་ རྒྱལཔོ་དགོངམ་ཁྲོས་པའི་ཤུགས་ཀྱིས་ བྱམོ་ཚུ་བཟུང་སྟེ་གསད་ནི་འབདཝ་ད་ བྱམོ་ཚུ་གིས་ རྒྱལ་པོ་རིན་པོ་ཆེ་ལགས། བཀའ་ཁྲོས་་དགོངས་ཁྲོས་མཛད་མ་ད། ང་བཅས་ཀྱི་ཧོང་ལས་ ལོ་རྒྱུས་ཅིག་གསལ་ཏེ་ཞུ་ནི་ཡོད་ལགས་ཟེར་ཞུཝ་ད་ རྒྱལ་པོ་གིས་ ལོ་རྒྱུས་འདི་ག་ཅི་ཨིནམ་མ་གསང་པར་ཕྲང་སྟེ་སླབ་ཤིག་ཟེར་གསུངས་ནུག། དེ་ལས་ བྱམོ་ཚུ་གིས་ “ང་བཅས་ཉམས་དགའ་ཏོག་ཏོ་སྦེ་སྡོད་པའི་བར་ན་ སྦུལ་ལྟས་ངན་ཚུ་གིས་ ང་བཅས་འབད་སར་ སྒོང་རྡོག་འཐུ་ཟ་བར་འོངམ་ལས་ འདྲོག་པའི་ཤུགས་ཀྱིས་བྱོལ་འོངམ་ད་ ནཱ་ལྷོད་ལྷོདཔ་ཨིན་ལགས” ཟེར་ཞུཝ་ད་ རྒྱལཔོ་གིས་ དེ་ར་འབདན་བཏུབ་པས་ཟེར་གསུངས་ཏེ་ སྦུལ་ཚུ་ཚར་གཅད་པར་བྱོན་སོང་ནུག

        རྒྱལཔོ་སྦུལ་ཚུ་འབད་སར་སོངམ་ད་ སྦུལ་ཚུ་གིས་ ང་བཅས་ཚང་ནང་ཉལ་ཏེ་སྡོདཔ་ད་ ཀ་ཤ་ཅིག་ག་ཏེ་ལས་འོངམ་ཨིན་ན་མ་ཤེས་པར་ ང་བཅས་ཀྱི་ཚང་་དཀྲོགས་དཔ་ལས་ རྣམ་རྟོག་ལང་པའི་ཤུགས་ཀྱིས་བྱོལ་འགྱོཝ་ད་ བྱམོ་གི་ཚང་ནང་ལས་ཕར་ཐོན་ཡར་སོང་ནུག་ཟེར་ཞུ་ནུག་ རྒྱལཔོ་གིས་ དེནི་ ཀ་ཤ་ཁྱོད་ག་ཅི་སྦེ་ སྦུལ་གི་ཚང་དཀྲོགས་དཀྲོགསཔ་སྨོ་ཟེར་གསུངསམ་ད་ ཀ་ཤ་གིས་ གནོད་པ་མེད་པའི་སེམས་ཅན་ང་ ཤིང་གི་འོག་ལུ་རྩ༌ཟ༌སྟེ༌སྡོདཔ༌ད༌ བཀྲ༌མ༌ཤིསཔ༌ གཡང༌མ༌ཆགས༌པའི༌སྤྱ༌འདི༌གིས༌ ངེའི༌དཔྱལ༌བར༌ ཤིང༌གི་རྡོག་མ་ཅིག་གིས༌བླུགས༌བྱིནམ༌ལས༌ འདྲོག༌བྱེལ༌འཐབ༌སྟེ༌བྱོལ་འགྱོཝ༌ད༌ རྐངམ༌གིས༌བསྣད༌དཔ༌ཨིན༌མས༌ཟེར༌ཞུ༌ནུག།

        དེ༌ལས༌རྒྱལཔོ༌གིས༌ སྤྱ༌འདི༌ཚར༌གཅདཔ་༌ད༌ སྤྱ༌གིས༌ ང༌ཤིང༌གུར་ ཤིང༌གི་རྡོག་མ་ཟ༌སྟེ༌སྡོདཔ༌ད༌ ཨ༌རྒས༌དཔྱལ༌ཐལ༌འདི༌གིས༌ སྐད༌ཤུགས༌སྦེ༌རྐྱབ༌བཏངམ༌ལས༌ ང༌འདྲོག༌པའི༌ཤུགས༌ཀྱིས༌ ལགཔ༌ལས༌ཤོར༌སོང༌ཡི༌ལགས་ཟེར༌ཞུ་ནུག། རྒྱལཔོ༌གིས༌ དེ་འབད་བ་ཅིན་ཨ༌རྒས༌ཁྱོད་དོན་དག་མེད་པར་ ག་ཅི་སྦེ་སྐད་རྐྱབ་རྐྱབ་སྨོ་ཟེར་གསུངསམ་ད་ ཨ་རྒས་ཀྱིས་ ང་ཚར་འཁལ་ཏེ་སྡོདཔ་ད་ ཕྱེམ་ལ་གཅིག་འོང་སྟེ་ ངེའི་རྒྱ་བོ་གུར་ཆགས་ནི་འབདཝ་ལས་ སྐད་རྐྱབ་སྟེ་བདའ་བཏང་བཏངམ་ཨིན་ཟེར་ཞུཝ་ད་ དེནི་ཕྱེམ་ལ་ཁྱོད་ ལཱ་མེད་པར་ ཨ་རྒས་ལུ་ ག་ཅི་སྦེ་དཀྲོགས་དཀྲོགསཔ་སྨོ་ཟེར་གསུངསམ་ད་ ཕྱེམ་ལ་འདི་ ག་ལུ་ཡང་སླབ་སར་མེདཔ་ལས་ ངོ་ཚཝ་ཨིན་ན་ འདྲོགཔ་ཨིན་ན་མ་ཤེས་པར་ མེ་ནང་ཆོངས་སྦེ་ རང་སྲོག་བཅད་དེ་དེ་ཤི་སོང་ནུག།

      ད་རེས་ནངས་པར་ཡང་་ ཕྱེམ་ལ་ཚུ་ མེ་མཐོངམ་ཅིག་ དེ་ནང་མཆོངས་ཏེ་ ཤི་དགོ་མི་ཡང་དེ་ལུ་བརྟེན་ཏེ་ཨིན་ཟེར་སླབ་སྲོལ་ཡོདཔ་ཨིན།

བྲིས་མི་ཀརྨ་དབང་དྲག

སྐད་ཡིག་དང་རྩོམ་རིག་ལོ་ངོ་གསུམ་པ་ཁ་སྡེ།

སྟག་རྩེ་རིག་གཞུང་མཐོ་རིམ་སློབ་གྲྭ།

རྩང་མོ་སེམས་ཀྱི་འཁྲུལ་སྣང་།

གསེར་ཤུ་མེ་ཏོག་ཁྱོད་ལུ། །

གསེར་སྦྲང་བུང་བ་བསྒུགས་ཡོད། །

མངར་བའི་སྦྲང་རྩི་མེད་ན། །

བུང་བ་སེམས་པ་འཁྲུལ་འོང་། །

གཡུ་འབྲུག་སྔོན་མོ་ཁྱོད་ལུ། །

རྨ་བྱ་གཞོན་ནུ་བསྒུགས་ཡོད། །

གསུང་སྙན་འུར་སྒྲ་མེད་ན། །

རྨ་བྱ་སེམས་པ་འཁྲུལ་འོང་། །

མཛེས་པའི་སྨན་ཆུང་ཁྱོད་ལུ། །

སྟག་ཤར་གཞོན་པ་བསྒུགས་ཡོད། །

བརྩེ་བའི་དུང་སེམས་མེད་ན། །

སྟག་ཤར་སེམས་པ་འཁྲུལ་འོང་། །

དགའ་མཐུན་གཉེན་སྒྲིག་ཀྱི་དཀའ་ངལ།

དང་ཕུ་དིང་ཕུ་མེན་པར་ འཕྲལ་ཁམས་གཅིག་ཁར་ ཨ་མི་རི་ཀའི་ཕོ་རྒྱ་གཅིག་དང་ རྒྱ་གར་གྱི་ཕོ་རྒྱ་གཅིག་ ཆང་ཁང་ཅིག་ནང་ ཆང་འཐུང་ཡི་འཐུང་ཡི་ར་ བཤད་ཐོ་བཏང་སྡོད་ནུག།

དེ་སྦེ་བཤད་ཐོ་བཏང་སྡོད་པའི་སྐབས་ལུ་ རྒྱ་གར་གྱི་ཕོ་རྒྱ་གིས་ ཨ་མི་རི་ཀའི་ཕོ་རྒྱ་ལུ་ དེ་སྦེ་སླབ་ནུག།  “ངེའི་ཕམ་གཉིས་ཀྱིས་ ང་ གཡུས་ཁའི་བུམོ་གཅིག་དང་གཅིག་ཁར་ གཉེན་རྐྱབ་ཟེར་སླབ་མས།  བུམོ་དེ་ ང་གིས་ ཚར་གཅིག་ར་ཕྱད་ཕྱདཔ་མེད་སྟེ།  ཁོང་གིས་ ང་ དང་ཕུ་གི་ལུགས་སྲོལ་བཟུམ་སྦེ་ བཙན་དབང་གཉེན་སྒྲིག་ འབད་བྱིན་ནི་སྦེ་ཨིན་མས་སི།  རང་ མ་དགའ་མི་དང་གཅིག་ཁར་ ག་དེ་སྦེ་གཉེན་རྐྱབ་ནི་ས།  ‘གཉེན་ཟེར་མི་འདི་ང་ར་དགའ་མཐུན་གྱི་ཐོག་ལས་རྐྱབ་ནི་མ་གཏོགས་  ཁྱེད་ཀྱིས་བཙན་སྒྲིག་འབད་མི་དང་གཅིག་ཁར་རྐྱབ་མི་ཚུགས་’ཟེར་ ང་ཁོང་ར་ལུ་ཐད་ཀར་དུ་སླབ་བྱིན་ཡི།  ད་ང་བཅས་བཟའ་ཚང་ནང་ལུ་སྟབས་མ་བདེཝ་སྦོམ་ཐོན་ཏེ་ཡོད།”

ཨ་མི་རི་ཀཱན་གྱིས་དེ་སྦེ་སླབ་ནུག།  “དགའ་མཐུན་གྱི་ཐོག་ལས་གཉེན་རྐྱབ་རུང་ དཀའ་ངལ་འདུག་མས།  དེའི་སྐོར་ལས་ང་རའི་མི་ཚེ་ལུ་གཞི་བཞག་སྟེ་སླབ་པ་ཅིན།  ང་གིས་ ཨམ་སྲུ་ཡུག་ས་མོ་ཅིག་དང་གཅིག་ཁར་དགའཝ་མཐུནམ་སྦེ་སྡོད་དེ་ ལོ་གསུམ་གྱི་ཤུལ་ལས་ གཅིག་ཁར་བསྡོམས་ཆི།  དེ་སྦེ་བསྡོམས་ཏེ་ལོ་དག་པ་གཅིག་གི་ཤུལ་ལས་ ངེའི་ཨ་པ་གིས་ ངེའི་བུམོ་གཡར་དང་ཆ་ དགའཝ་མཐུནམ་ཐལ་ཏེ་གཉེན་རྐྱབ་ཆིཝ་ལས་ ངེའི་ཨ་པ་འདི་ ངེའི་ཚཝ་དང་ ང་ ང་རའི་ཨ་པ་གི་ཨ་ཞང་ལུ་གྱུར་སོ་ཡི།

“འ་ནེ་སྦེ་འབདཝ་ད་ ང་རའི་བུམོ་གཡར་འདི་ ངེའི་ཨམ་ཅུམ་དང་ ང་རའི་ཨམ་སྲུ་འདི་ ངེའི་ཨང་རྒས་ལུ་གྱུར་སོ་ཡི།  ད་རུང་འདི་གུ་ ང་ལུ་ བུ་གཅིག་ཐོན་ཞིནམ་ལས་འདི་ དཀའ་ངལ་ཧེང་བཀལ་ཐོན་ཡི།  ག་དེ་སྦེ་ཟེར་བ་ཅིན་ ངེའི་བུ་འདི་གིས་ ངེའི་ཨ་པ་ལུ་སྐུདཔོ་ཕོགཔ་ལས་ ང་གིས་ ང་རའི་བུ་ལུ་ ཨ་ཞང་ཕོག་ཆི་སྟེ།

“ངེའི་ཨ་པ་དང་བུམོ་གཡར་གཉིས་ལུ་བུ་ཅིག་ཐོན་པའི་བསྒང་ལས་འདི་ གནས་སྟངས་འདི་གནམ་མེད་ས་མེད་དགོད་བྲ་སི་སི་ཅིག་ལུ་གྱུར་སོ་ཡི།  ངེའི་ཨ་པའི་བུ་ ངེའི་ནུ་གཅུང་ལུ་ ང་གིས་དིབུ་ཕོག་ཅི།  ད་ངེའི་ནུ་གཅུང་གིས་ང་ལུ་ཨ་རྒས་ཕོག་པའི་བསྒང་ལས་ ང་གིས་ང་ར་ལུ་ཨ་རྒས་ཕོག་ནི་མས།  ང་གིས་ང་རའི་ནུ་གཅུང་ལུ་ དིབུ་ཕོགཔ་ལས་ ང་ང་རའི་དིབུ་ལུ་གྱུར་སོ་ཡི།

“འ་ནི་བཟུམ་དང་ཕྱད་པ་ཅིན་ ཁྱོད་ཀྱི་འདི་ ག་ནི་ཡང་མེན་པས་སྟེ།”

དེ་སྦེ་སླབ་ད་ རྒྱ་གར་འདི་ དྲན་མེད་བརྒྱལ་སོ་ནུག།